

致达孜区大学生村(居)科技专干、农业农村专员、乡村振兴专干、村级财务人员、购买服务人员、乡村兽医人员、科技特派员的春节·藏历新年慰问信
亲爱的战友、兄弟姐妹们:
律回春渐,新元肇启。2026年春节与藏历火马新年携手而至,在这万家团圆、雪域欢庆的美好时刻,达孜区农业农村和科技局谨向长期奋战在乡村一线的全体大学生村(居)科技专干、农业农村专员、乡村振兴专干、村级财务人员、购买服务人员、乡村兽医人员、科技特派员,致以最诚挚的问候和最温暖的祝福!
这一年,从温室大棚的育苗育种,到青稞田里的墒情测报,到村级动物疫病防控的入户指导,到乡村振兴政策落地的一线攻坚——都有你们沾满泥土的鞋印和辛勤付出的背影。过去一年,达孜的粮食产量再创新高,特色农牧产业多点开花,乡村人居环境持续改善,乡村振兴事业稳步推进,“三资”管理持续规范,每一份成绩单背后,都凝聚着你们的汗水与担当。你们用专业知识填补了基层技术的洼地,用满腔热忱打通了惠农服务、政策落实的“最后一公里”。
守望初心,你们是农牧民最信赖的“自家人”。当黎明来临仍奔走在乡间小路上,入户走访、排忧解难,这份坚守,让科技不再只是报告里的术语,让政策不再是纸上的文字,而是长成青稞、养肥牦牛、改良奶牛,发展壮大村集体经济,鼓足农牧民钱袋子的真金白银。
作为“娘家人”,我们始终与你们并肩同行。区农业农村和科技局是大家在基层干事创业的坚强后盾。新的一年,我们将进一步完善农技推广、乡村振兴服务保障机制,优化服务管理,为大家提供更系统的业务培训、更贴心的生活保障。如果你们在技术推广中遇到瓶颈,在政策落实中遇到难题,在走村入户时感到力不从心,或是在生活学习上需要任何帮助,请随时联系我们——我们的大门永远为你们敞开,手机24小时为你们守候。
征途漫漫,愿你们继续做高原乡村振兴的“播种人”。2026年是“十五五”规划开局之年,也是达孜区推进农牧业现代化、打造乡村振兴样板地的攻坚之年,必须以高质量发展统揽全局,锚定目标、攻坚突破。希望你们始终保持“科技报国”“服务三农”的热忱,发扬“老西藏精神”,把先进理念、实用技术、惠民政策带到田间地头、千家万户,在解决农牧业发展难题中磨砺本领,在服务农牧民增收致富中实现价值。请相信,你们守护的每一株青稞、服务的每一户农家、推动的每一项工作,都在积蓄着达孜乡村振兴最蓬勃的力量。
最后,再次祝愿大家:新春快乐,身体健康,阖家幸福,扎西德勒!
达孜区农业农村和科技局
2026年2月15日
སྟག་རྩེ་ཆུས་ཀྱི་སློབ་ཆེན་ཐོན་པའི་གྲོང་ཚོའི་(གྲོང་ལྷན)ཚན་རྩལ་ཆེད་ལས་པ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་ཆེད་ལས་པ། གྲོང་གསེབ་དར་རྒྱས་ཀྱི་ཆེད་ལས་པ།གྲོང་ཚོ་རིམ་པའི་ནོར་དོན་མི་སྣ།སྲིད་གཞུང་ཉོ་སྒྲུབ་ཀྱི་ཞིང་འབྲོག་ཆེད་ལས་པ། ཤང་གྲོང་ཕྱུགས་རིགས་སྨན་པ།ཚན་རྩལ་ཆེད་མངགས་པ་བཅས་ལ་བསྐུར་བའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་འཚམས་འདྲིའི་ཡི་གེ།
མཛའ་བརྩེ་ལྡན་པའི་འཐབ་གྲོགས་དང་གཅེན་གཅུང་ཚོ།
2026ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་མེ་རྟའི་ལོ་གསར་ཤར་ལ་ཉེ་བའི་དུས་འདིར།སྟག་རྩེ་ཆུས་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཅུད་ཀྱིས་གྲོང་གསེབ་ཀྱི་འཐབ་ས་དང་པོར་ཡུན་རིང་འབད་འཐབ་བྱེད་བཞིན་པའི་སློབ་ཆེན་ཐོན་པའི་གྲོང་ཚོ་(གྲོང་ལྷན)ཡོངས་ཀྱི་ཚན་རྩལ་ཆེད་ལས་པ་དང་། ཞིང་ལས་གྲོང་གསེབ་ཀྱི་ཆེད་མི། གྲོང་གསེབ་དར་རྒྱས་ཀྱི་ཆེད་ལས་པ།གྲོང་ཚོ་རིམ་པའི་ནོར་དོན་མི་སྣ།སྲིད་གཞུང་ཉོ་སྒྲུབ་ཀྱི་ཞིང་འབྲོག་ཆེད་ལས་པ། ཤང་གྲོང་ཕྱུགས་རིགས་སྨན་པ།ཚན་རྩལ་ཆེད་མངགས་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དྲོ་སྐྱིད་ལྡན་པའི་སྨོན་འདུན་ཞུ་རྒྱུ་ཡིན།
ལོ་དེར་དྲོད་ཁང་ནང་མྱུ་གུ་གསོ་བ་ནས་ཞིང་ནང་གི་ལྟ་ཞིབ་ཚད་ལེན་དེ་བཞིན། གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུད་ཚང་དུ་མཛུབ་ཁྲིད་དང་། གྲོང་གསེབ་དར་རྒྱས་ཀྱི་སྲིད་ཇུས་དོན་འཁྱོལ་གྱི་འཐབ་ས་དང་པོའི་འགག་སྒྲོལ་སོགས་ཚང་མར་ཁྱེད་ཚོས་དཀའ་སྤྱད་འབད་འཐབ་དང་ལྷག་བསམ་རྣམ་དག་གི་ལས་དོན་སྒྲུབ་པར་ལས་རྗེས་གང་ལེགས་བཞག་ཡོད་ལ། འདས་ཟིན་པའི་ལོ་གཅིག་ནང་སྟག་རྩེའི་འབྲུ་རིགས་ཐོན་ཚད་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་དང་། ཁྱད་ལྡན་ཞིང་འབྲོག་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། གྲོང་གསེབ་དར་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་བརྟན་པོ་ཐེབས་པ།མ་དངུལ་གསུམ་དོ་དམ་རྒྱུན་མཐུད་ཚད་ལྡན་བཅས་གྲུབ་འབྲས་རེ་རེའི་རྒྱབ་ཏུ་ཁྱེད་ཚོའི་རྔུལ་ཆུ་དང་འགན་འཁྲི་ཡང་གཅིག་ཏུ་འདུས་ཡོད། ཁྱེད་ཚོས་ཆེད་ལས་ཤེས་བྱར་བརྟེན་ནས་ལྷག་བསམ་ཟོལ་མེད་ངང་ཞིང་ཕན་ཞབས་ཞུ་དང་སྲིད་ཇུས་དོན་འཁྱོལ་གྱི་“མཐའ་མའི་འགག་གནད”བསལ་ཡོད། ཁྱེད་ཚོ་ནི་ཞིང་འབྲོག་པས་ཡིད་ཆེས་ཆེ་ཤོས་བྱེད་པའི་“ཁྱིམ་མི་”ཞིག་ཡིན་ལ། ཁྱེད་རྣམས་ཀྱིས་གྲོང་གསེབ་ཀྱི་ལམ་ཕྲན་བརྒྱུད་དུད་ཚང་རེ་རེར་བསྐྱོད་དེ་ཁྱིམ་ཚང་དེ་གའི་སེམས་ཁྲལ་སེལ་བ་དང་ལས་གནས་བརྟན་སྲུང་བྱས་པས་ཚན་རྩལ་དེ་སྙན་ཞུའི་ནང་གི་ཐ་སྙད་དང་་སྲིད་ཇུས་ཀྱི་ཤོག་བུའི་ཐོག་གི་ཡི་གེ་ཙམ་མིན་པར་འབྲུ་རིགས་འཕར་ཆགས་དང་། འབྲི་གཡག་རྒྱགས་གསོ།བཞོན་མ་ལེགས་གཏོང་།གྲོང་ཚོའི་མཉམ་འདེབས་དཔལ་འབྱོར་གོང་འཕེལ། ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་བཅས་བྱས་ཡོད།
ང་ཚོས་“ཁྱིམ་མི”ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་ཁྱེད་ཚོ་དང་དཔུང་པ་མཉམ་གཤིབ་ཐོག་ལས་དོན་སྒྲུབ་བཞིན་ཡོད་ལ།སྟག་རྩེ་ཆུས་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཅུད་ནི་ཚང་མས་གཞི་རིམ་དུ་ལས་སྒྲུབ་ལས་གཏོད་བྱེད་པའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན། ལོ་གསར་པའི་ནང་ང་ཚོས་ཞིང་ལས་ལག་རྩལ་ཁྱབ་གདལ་དང་གྲོང་གསེབ་དར་རྒྱས་ཀྱི་ཞབས་ཞུའི་འགན་ལེན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ཞབས་ཞུའི་དོ་དམ་ལེགས་སུ་བཏང་ནས་ཚང་མར་དེ་བས་གོ་རིམ་ལྡན་པའི་ལས་སྒོའི་གསོ་སྦྱོང་དང་དེ་བས་སྙིང་ཉེ་བའི་འཚོ་བའི་འགན་ལེན་བྱ་རྒྱུ་ཡིན། གལ་ཏེ་ཁྱེད་ཚོར་ལག་རྩལ་ཁྱབ་གདལ་གཏོང་བ་དང་། སྲིད་ཇུས་དོན་འཁྱོལ་བྱེད་པའི་ཁྲོད་དཀའ་གནད་འཕྲད་པའམ། གྲོང་ཚོ་དང་དུད་ཚང་དུ་སྐྱོད་སྐབས་སེམས་ཀྱིས་བསམ་ཡང་ལུས་པོས་མི་ལྕོགས་པ།ཡང་ན་འཚོ་བ་དང་སློབ་སྦྱོང་ཐད་རོགས་རམ་སོགས་བྱེད་དགོས་ཚེ། ཁྱེད་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་“མ་ཁྱིམ་”ལ་འབྲེལ་གཏུགས་གནང་རོགས།འབྲེལ་གཏུག་ཁ་པར་ཆུ་ཚོད་24ཡི་ནང་གང་རུང་དུ་རྒྱག་ཆོག2026ལོ་ནི་“ལོ་ལྔ་ཚན་ཅོ་ལྔ་པའི”འཆར་འགོད་ཀྱི་འགོ་འཛུགས་ལོ་ཞིག་ཡིན་ལ་སྟག་རྩེ་ཆུས་ཀྱིས་ཞིང་འབྲོག་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་མ་དཔེ་གཏོད་པའི་འགག་སྒྲོལ་ལོ་ཞིག་ཀྱང་ཡིན་པས་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཁྱོན་ཡོངས་ལ་སྤྱི་འདོམས་དང་། དམིགས་ཚད་གཏན་འཁེལ། འགག་སྒྲོལ་ཚད་བརྒལ་བཅས་ཡོང་བ་བྱེད་དགོས། ཁྱེད་ཚོས་“ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ”དང་“ཞིང་གསུམ་ལ་ཞབས་འདེགས་ཞུ་བའི”སྤྲོ་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་ནས་སྔོན་ཐོན་གྱི་འདུ་ཤེས་དང་། དངོས་སྤྱོད་ལག་རྩལ། དམངས་ཕན་སྲིད་ཇུས་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་པ་བྱས་ཏེ་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་ཞབས་འདེགས་ཞུ་བའི་ཁྲོད་རིན་ཐང་མངོན་པ་བྱེད་རྒྱུའི་རེ་བ་ཡོད། ཁྱེད་ཚོས་སྲུང་སྐྱོང་བྱེད་པའི་འབྲུ་རིགས་དང་ཞབས་ཞུ་བྱེད་པའི་ཞིང་དུད།སྐུལ་འདེད་གཏོང་བའི་ལས་དོན་ཚང་མར་སྟག་རྩེའི་གྲོང་གསེབ་དར་རྒྱས་ཡོང་བར་ནུས་ཤུགས་ཆེན་པོ་གཏོན་ཡོད།
མཇུག་ཏུ་སླར་ཡང་ཁྱེད་རྣམས་དུས་ཆེན་གཉིས་ལ་སྤྲོ་པོ་དང་། སྐུ་གཟུགས་གསལ་ཐང་། ཁྱིམ་ཚང་འཆམ་མཐུན་བཅས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
སྟག་རྩེ་ཆུས་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཅུད།
2026ལོའི་ཟླ་བ་2པའི་ཚེས་15ཉིན།

达孜区农业农村和科技局