我国是传统的农业大国,农业防治在我国的发展历史十分的悠久,早在先秦时代的一些古籍中已有除草、防虫的记载,而此后在历朝历代中也逐渐的发展出耕翻、轮作、适时播种、施肥、灌溉等农业防治措施,这些传统的农业防治措施在如今也仍旧在使用。
现代化的农业防治措施主要包括种植制度、耕翻整地、播种、田间管理和收获几个方面,涵盖农业生产的整个阶段。在农业防治中,种植制度又分为轮作、间作或套作和作物布局三个方面,合理的种植制度能够抑制有害生物的发生和为害。耕翻整地是改善土壤环境的主要方式之一;而合理的播种期可使作物易受害的生育阶段;田间管理则包括水分调节、合理施肥以及清洁田园等措施,可以有效的减轻病虫害发生的概率;收获的时期、方法、工具以及收获后的处理,也与病虫防治密切有关。
农业防治在农业生产中的作用十分明显,在进行农业种植时,这些措施也是不可避免的,特别是在农业灾害频发、农药残留越发严重的如今,进行农业防治就是农业的另一种出路。
རང་རྒྱལ་ནི་སྲོལ་རྒྱུན་གྱི་ཞིང་ལས་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། རང་རྒྱལ་དུ་ཞིང་ལས་འགོག་བཅོས་འཕེལ་རྒྱས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་སྟེ། སྔ་ས་ཆིང་གོང་མའི་དུས་རབས་ཀྱི་གནའ་དཔེ་འགའི་ནང་རྩྭ་ངན་བཀོག་པ་དང་གནོད་འབུ་འགོག་པའི་སྐོར་འཁོད་ཡོད་པ་དང་། དེ་རྗེས་ཀྱི་རྒྱལ་རབས་རིམ་བྱུང་ཁྲོད་དུ་ཡང་རྨོད་རྒྱག་པ་དང་། རེས་འདེབས། ས་བོན་འདེབས་པ། ལུད་རྒྱག་པ། ཆུ་འདྲེན་པ་སོགས་ཞིང་ལས་འགོག་བཅོས་ཀྱི་བྱ་ཐབས་སྤྱོད་ཀྱི་ཡོད། སྲོལ་རྒྱུན་གྱི་ཞིང་ལས་འགོག་བཅོས་བྱ་ཐབས་དེ་དག་དུས་ད་ཆ་ཡང་སྔར་བཞིན་བེད་སྤྱོད་བྱེད་ཀྱི་ཡོད།
དེང་རབས་ཅན་གྱི་ཞིང་ལས་འགོག་བཅོས་བྱ་ཐབས་གཙོ་བོའི་ནང་འདེབས་འཛུགས་ལམ་ལུགས་དང་། རྨོད་བརྒྱབ་ནས་ས་ཁོད་སྙོམས་པ། ས་བོན་འདེབས་པ། ཞིང་ནང་གཡོག་བྱེད། རྔ་བསྡུ་བཅས་ཕྱོགས་ཁག་འགའ་ཚུད་ཡོད་པ་དེ་ཞིང་ལས་ཐོན་སྐྱེད་ཀྱི་དུས་མཚམས་ཚང་མར་ཁྱབ་ཡོད། ཞིང་ལས་འགོག་བཅོས་ཁྲོད་འདེབས་འཛུགས་ལམ་ལུགས་ལ་རེས་འདེབས་དང་། སྤེལ་འདེབས། ལོ་ཏོག་གི་ཁྱབ་ཚུལ་བཅས་ཕྱོགས་གསུམ་དབྱེ་ཡི་ཡོད་པས། ལུགས་དང་མཐུན་པའི་འདེབས་འཛུགས་ལམ་ལུགས་ཀྱིས་གནོད་ལྡན་སྐྱེ་དངོས་ཐོན་པ་དང་དེའི་ཉེན་ཁར་ཚོད་འཛིན་བྱེད་ཐུབ། རྨོད་བརྒྱབ་ནས་ས་ཁོད་སྙོམས་པ་ནི་ས་རྒྱུའི་ཁོར་ཡུག་ལེགས་སུ་གཏོང་བའི་ཐབས་ཤེས་གཙོ་བོའི་གྲས་ཤིག་ཡིན་པ་དང་། ཞིང་ནང་གཡོག་བྱེད་ནང་བཞའ་ཚན་སྙོམས་སྒྲིག་དང་། ལུད་འཚམ་པོ་རྒྱག་པ། ཞིང་ཐང་གཙང་སེལ་སོགས་བྱ་ཐབས་ཚུད་ཡོད་པས། གནོད་འབུ་སོགས་ཐོན་ཚད་ཉུང་དུ་ནུས་ལྡན་གཏོང་ཐུབ། ལོ་ཏོག་བསྡུ་བའི་དུས་ཚོད་དང་། བྱ་ཐབས། ལག་ཆ་བཅས་དང་དེ་བཞིན་བརྔ་བསྡུ་ཟིན་རྗེས་ཀྱི་གཡོག་བྱེད་བྱ་ཐབས་ཀྱང་གནོད་འབུ་འགོག་བཅོས་བྱེད་པ་དང་འབྲེལ་བ་དམ་ཟབ་ཡོད།
ཞིང་ལས་ཐོན་སྐྱེད་ཁྲོད་དུ་ཞིང་ལས་འགོག་བཅོས་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོད་ཅིང་། ཞིང་ཁ་འདེབས་པའི་སྐབས་བྱ་ཐབས་འདི་དག་མེད་ན་འགྲིག་ཐབས་མེད་པ་ཞིག་རེད་ལ། ལྷག་པར་དུ་ཞིང་ལས་གནོད་འཚེ་ཡང་སེ་ཐོན་པ་དང་ཞིང་སྨན་གྱི་རོ་ཏོ་ཚབས་ཆེན་ལུས་པའི་དེང་གི་དུས་སུ་ཞིང་ལས་འགོག་བཅོས་བྱེད་པ་ནི་ཞིང་ལས་ཀྱི་ཐབས་ལམ་གསར་པ་ཞིག་རེད།