(1)引导农民行为改变如学习行为、购买行为、营销行为等,都可以从网上获取信息,在网上进行活动。
(2)为农业生产决策提供依据、参考 农民获取广泛的信息之后,知识量大增,眼界开阔,胆识提高,决策能力自然增强。
(3)促进农村市场经济的发展 农民通过信息交换、信息加工,了解国内外市场供求关系,产品符合市场需要,适销对路。
(4)架起农业推广部门与方方面面纵横联系的桥梁。
(5)及时掌握国家政策,了解政策导向,利用政策提供的机会和空间,发展自己,贡献社会。
(6)提高效率 信息的载体多种多样,灵活快捷,节省资金和时间,大大提高了农业生产效率和经营效益。
(1)ཞིང་པའི་ལས་ཀར་སྣེ་ཁྲིད་ཐུབ་པ། དཔེར་ན་སློབ་སྦྱོང་དང་། ཉོ་སྒྲུབ། བྲིན་ཚོང་སོགས་ཀྱི་ཐད་འགྱུར་ལྡོག་གཏོང་ཐུབ་པ་སྟེ། དེ་དག་ཚང་མའི་ཆ་འཕྲིན་དྲ་ཐོག་ནས་ཤེས་ཐུབ་པ་དང་དྲ་ཐོག་ནས་ལས་དོན་སྣ་ཚོགས་སྒྲུབ་ཐུབ།
(2)ཞིང་ལས་ཐོན་སྐྱེད་ཀྱི་ཇུས་ཐག་གཅོད་པར་གཞི་འཛིན་ས་དང་། དཔྱད་གཞི་མཁོ་འདོན་ཐུབ་པ། ཞིང་པས་ཆ་འཕྲིན་དེ་བས་ཕོན་ཆེ་བ་བཙལ་འཚོལ་ཐུབ་པ་ལས་ཤེས་རྒྱ་དང་ལྟ་རྒྱ་མཐོང་རྒྱ་ཆེ་རུ་སོང་ནས་བློ་སྟོབས་ཀྱང་ཆེ་རུ་སོང་སྟེ་ཐབས་ཇུས་འདིང་བའི་ནུས་པའང་རང་བཞིན་གྱིས་ཆེ་རུ་འགྲོ་ཡི་ཡོད།
(3)གྲོང་གསེབ་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ། ཞིང་པས་ཆ་འཕྲིན་བརྗེ་རེས་དང་ཆ་འཕྲིན་ལས་སྣོན་བརྒྱུད། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་མཁོ་སྤྲོད་འབྲེལ་བ་ཤེས་རྟོགས་ཐུབ་ནས་ཐོན་རྫས་དེ་དག་ཁྲོམ་རའི་དགོས་མཁོ་དང་འཚམ་ན་བྲིན་ཚོང་གི་ཐབས་ལམ་རག་གི་ཡོད།
(4)ཞིང་ལས་ཁྱབ་གདལ་སྡེ་ཚན་དང་ཕྱོགས་གང་ས་ཅི་ཐད་དབར་སྦྲེལ་ཟམ་འཛུགས་ཐུབ་པ།
(5)རྒྱལ་ཁབ་ཀྱི་སྲིད་ཇུས་དུས་ཐོག་ཏུ་ཤེས་རྟོགས་དང་སྲིད་ཇུས་ཀྱི་སྟོན་ཕྱོགས་ཤེས་ཏེ་སྲིད་ཇུས་ཀྱི་གོ་སྐབས་དང་ཁོར་ཡུག་སྤྱད་དེ་རང་ཉིད་ཡར་རྒྱས་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཐུབ།
(6)ལས་ཕྱོད་ཆེ་རུ་གཏོང་ཐུབ་པ། ཆ་འཕྲིན་གྱི་གཞི་རྟེན་རྣམ་པ་སྣ་ཚོགས་ཡོད་པས་བབ་བསྟུན་སྟབས་བདེ་དང་། མ་དངུལ་དང་དུས་ཚོད་གྲོན་ཆུང་ཐུབ་པས་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཕྱོད་དང་གཉེར་སྐྱོང་གི་ཕན་འབྲས་ཆེ་རུ་ཤུགས་ཆེན་གཏོང་ཐུབ།