(1)获取信息的技能在信息化的时代,政府有关部门正在加大农业和农村信息化推进力度。农业推广人员要帮助农民选择和利用信息,提高获取信息的能力,这是当前最为重要的技能之一。
(2)做群众工作的技能 做好农业推广工作,必须从关心、尊重、引导、帮助农民的立场出发,只有做好农民的工作,才能实现推广机构的工作目标。
(3)表达技能 农业推广工作是教育人、引导人、说服人、鼓励人的工作,表达技能是必不可少的,包括语言表达能力、文字表达能力。
(4)总结概括技能 农业推广活动系统蕴 涵着大量的信息和能量。广大推广人员可以创造出各具特色的方法、经验,群众中也会有很多值得提炼、推广的窍门,我们应该善于发现,善于总结。
(5)宣传技能 推广人员要有宣传发动群众的能力,善于抓住时机,作好宣传,促进农民解放思想,大胆试验和创新。
(1)ཆ་འཕྲིན་བསྡུ་ལེན་གྱི་རྩལ་ནུས། ཆ་འཕྲིན་ཅན་གྱི་དུས་རབས་སུ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཞིང་ལས་དང་གྲོང་གསེབ་ཆ་འཕྲིན་ཅན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བཞིན་ཡོད། ཞིང་ལས་ལག་རྩལ་ཁྱབ་གདལ་བས་ཞིང་པར་ཆ་འཕྲིན་གདམ་ག་དང་སྤྱོད་རོགས་བྱེད་དགོས་པས། ཆ་འཕྲིན་བསྡུ་ལེན་གྱི་འཇོན་ཐང་ཆེ་རུ་གཏོང་དགོས་པ་དེ་ནི་མིག་སྔའི་རྩལ་ནུས་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད།
(2)མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་རྩལ་ནུས། ཞིང་ལས་ལག་རྩལ་ཁྱབ་གདལ་གྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཞིང་པར་སེམས་ཁུར་དང་། བརྩི་འཇོག ཁྲིད་སྟོན། རོགས་རམ་བཅས་ཀྱི་ལངས་ཕྱོགས་ནས་འགོ་བཙུགས་ཏེ་ཞིང་པའི་ལས་དོན་ཡག་པོ་བསྒྲུབས་ཚེ་གཞི་ནས་ཁྱབ་གདལ་སྒྲིག་གཞིའི་ལས་དོན་གྱི་དམིགས་ཚད་འགྲུབ་ཐུབ།
(3)སྒྲོག་འགྲེལ་གྱི་རྩལ་ནུས། ཞིང་ལས་ལག་རྩལ་ཁྱབ་གདལ་ལས་དོན་ནི་མི་ལ་སློབ་གསོ་གཏོང་བ་དང་། ཁྲིད་སྟོན་བྱེད་པ། གོ་སྐོན་བློ་འགུག་བྱེད་པ། སྐུལ་ལྕག་གཏོང་བ་བཅས་ཀྱི་ལས་དོན་ཞིག་ཡིན་ལ། སྒྲོག་འགྲེལ་གྱི་རྩལ་ནུས་མེད་དུ་མི་རུང་བ་ཞིག་རེད། དེའི་ནང་སྐད་ཆ་ཤོད་རྩལ་དང་ཡི་གེ་འབྲི་རྩལ་གཉིས་ཚུད་ཡོད།
(4)ཕྱོགས་སྡོམ་སྙིང་བསྡུས་ཀྱི་རྩལ་ནུས། ཞིང་ལས་ལག་རྩལ་ཁྱབ་གདལ་བྱེད་སྒོའི་མ་ལག་ལ་ཆ་འཕྲིན་དང་ཤེས་བྱ་འབོར་ཆེན་འདུས་ཡོད། རྒྱ་ཆེའི་ལག་རྩལ་ཁྱབ་གདལ་བས་རང་གི་ཁྱད་ཆོས་ལྡན་པའི་བྱེད་ཐབས་དང་ཉམས་མྱོང་གསར་གཏོད་བྱེད་ཆོག་པ་དང་། མང་ཚོགས་ཁྲོད་དུའང་བསྡུ་རུབ་དང་ཁྱབ་གདལ་གཏོང་རིན་ཡོད་པའི་ཐབས་ཤེས་མང་པོ་ཡོད་པས། ང་ཚོས་གསར་རྙེད་དང་ཕྱོགས་སྡོམ་མཁས་པོ་བྱེད་དགོས།
(5)དྲིལ་བསྒྲགས་ཀྱི་རྩལ་ནུས། ཁྱབ་གདལ་བར་མང་ཚོགས་ལ་དྲིལ་བསྒྲགས་དང་སྐུལ་སློང་བྱེད་པའི་འཇོན་ཐང་ཡོད་དགོས། གོ་སྐབས་དམ་འཛིན་དང་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཞིང་པའི་བསམ་བློར་བཅིངས་འགྲོལ་བཏང་ནས། བློ་ཁོག་ཆེན་པོས་ཚོད་ལྟ་དང་གསར་གཏོད་བྱེད་དགོས།