ཟླ་2ཚེས་5ཉིན་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་2026ལོའི་ཕྱུགས་ལས་དང་ཕྱུགས་ནད་སྨན་བཅོས་ལས་དོན་བཀོད་སྒྲིག་བརྙན་ལམ་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཀྲང་ཀྲི་ལི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད་།
ཚོགས་འདུའི་ཐོག་2025ལོར་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་ཕག་པ་དང་ནོར་ལུག་བྱ་ཤ་བཅས་ཀྱི་ཐོན་ཚད་ཏུན་དུང་ཕྱུར་1ལས་ཐེངས་དང་པོ་བརྒལ་བ་དང་ཕག་པ་ཐོན་སྐྱེད་བྱེད་ནུས་ཆེ་རུ་ཕྱིན་ནས་བཤས་ཟོག་དང་བཞོན་མའི་ཐོན་ལས་ཀྱི་དཀའ་ངལ་སེལ་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་ལྗང་མདོག་བདེ་འཇགས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐོན་ལས་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་བསྟན་པ་རེད།
ཚོགས་འདུའི་ཐོག་206ལོར་ཕྱུགས་རིགས་སྨན་བཅོས་ལས་དོན་ཐད་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་དེ་བས་སྣང་ཆེན་བྱས་ནས་ཐོན་ལས་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། ཕག་པའི་ཐོན་ནུས་ཕྱོགས་བསྡུས་ཀྱིས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།་དཀར་ཆུའི་ལས་རིགས་ཀྱི་དཀའ་ངལ་སེལ་ཚད་མགྱོགས་སུ་གཏོང་བ།་བཤས་ཟོག་ཐོན་སྐྱེད་བརྟན་པོ་ཡོང་བ་བཅས་བྱས་ཏེ་ལྕགས་ཐག་ཧྲིལ་པོའི་མ་གནས་གྲོན་ཆུང་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། སྲོག་ཆགས་ཀྱི་རིམས་ནད་ལ་བཙན་ཤེད་ངང་འགོག་ཁབ་རྒྱག་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་རིམས་ནད་ཞིབ་བཤེར་ལ་ལྟ་སྐུལ་ནན་པོ་བྱས་ཏེ་ས་ཁོངས་རང་བཞིན་གྱི་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་དགོས། གསོ་སྤེལ་ལས་རིགས་ཀྱི་འབྲུ་རིགས་གྲོན་ཆུང་བྱ་སྤྱོད་དང་གཅན་གཟན་གྱིས་འབུ་ཕྲ་འགོག་པའི་སྨན་སྤྱོད་ཚད་ཉུང་འཕྲི་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་དང་།་སྒེར་བཤས་གང་བྱུང་དུ་གཏོང་བ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་བཅོས་སྐྱོང་།་གཟན་ཆག་དང་ཕྱུགས་སྨན་གྱི་སྤུས་ཚད་ཉེན་མེད་ཡོང་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།་སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་བཙོག་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ།་ཉེན་མེད་ཐོན་སྐྱེད་ཀྱི་ཉེན་ཁ་སྔོན་འགོག་ནུས་ལྡན་བཅས་བྱས་ནས་ཐོན་ལས་ཀྱི་ལྗང་མདོག་ཉེན་མེད་འཕེལ་རྒྱས་ཆུ་ཚད་མཐོ།
ཞིང་ལས་དང་གྲོང་གསེབ་པུའུ་ཡི་འབྲེལ་ཡོད་སི་དང་ཅུས་ཀྱི་སྡེ་ཚན་དང་།་ཀྲུང་གོའི་ཞིང་ལས་ཚན་རིག་ཁང་གི་འབྲེལ་ཡོད་ཞིབ་འཇུག་ཁང་།་ལས་རིགས་མཐུན་ཚོགས་ཀྱི་སློབ་ཚོགས་བཅས་ཀྱི་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་རིགས་གཅིག་མཁས་པ།་ཞིང་ཆེན་ཁག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད། ནང་སོག་དང་།་ཧྲན་ཏུང་།་ཧུའུ་པེ།་ཧུའུ་ནན།་ཡུན་ནན།་ཀན་སུའུ་སོགས་ཞིང་ཆེན་6གིས་སྤེལ་རེས་གཏམ་བཤད་བྱས་པ་རེད།